ང་གིས་ཁྱོད་ལུ་དགའཝ་ཨིནམ་ཁྱོད་ཀྱིས་ཤེས།

ཁྱོད་ཀྱིས་ང་ལུ་དགའཝ་ཨིནམ་ང་གིས་ཤེས།

དགའ་བའི་སེམས་གཉིས་མཐུན་པ་རྒྱ་ལམ་ཨིན།

ད་རེས་མཐུན་པ་དགའ་བ་ཚད་མེདཔ་བྱུངས།

འགྱུར་ནི་མེད་པའི་ཁས་བླངས་འབད་དགེ་མས།

སྨན་ལྗོངས་འབྲུག་ཡུལ་ལྷ་ཡི་ཞིང་ཁམས་ནང་།

དགའ་སྐྱིད་གནམ་ཁའི་དབྱིང་བཟུམ་འཛོམས་པའི་གུར།

སེམས་གཉིས་མཐུན་པའི་དཔག་མེད་འོད་ཟེར་འཕྲོ།

སེམས་ཀྱི་འཛམ་གླིང་ལྡངས་དང་ལྡན་ཏེ་གིས།

ང་བཅས་གཉིས་ཀྱི་མི་ཚེ་སྐྱོང་ལམ་བཟང་།

 

འཛམ་གླིང་ནང་གྱི་རྒྱུ་རུ་མུ་ཏིག་ང་ལུ་མེད།

གནམ་ཁའི་སྐར་མ་ཁྱོད་ལུ་ཕབ་ཡང་ང་མི་ཚུགས།

ཨིན་རུང་སྨོ་་་་་་་་་་་་་་་་

ལུས་ལུ་དྲོ་བའི་བགོ་ལ་གྱོན་ནི་མེད་རུང་རང་།

གཟུགས་ལུ་ཕན་པའི་ཟས་ཀྱི་བང་མརྫོད་ཟད་སོང་རུང་།

ཁྱོད་ལུ་དགའ་བའི་སེམས་ཀྱི་བང་མརྫོད་ཉམས་ནི་མེད།

 

ནུབ་ལུ་མཛུལ་བའི་ཁྲི་གདུགས་ང་གིས་བཟུང་རྒྱུ་མེད།

ཤར་ཤར་བབས་པའི་ཆུམོ་ཁྱོད་ལུ་བཀག་ཡང་ང་མི་ཚུགས།

ཨིན་རང་སྨོ་་་་་་་་་་་་་་་་

མ་ཧན་གཏམ་ཚུ་སླབ་ཏེ་ངེ་སེམས་དཀྲོག་རུང་རང་།

འཛམ་གླིང་ནང་གི་གནམ་གཞི་ཚད་མེནཔ་འགྱུར་སོང་རུང་།

ཁྱོད་ལུ་དགའ་བའི་སེམས་ཀྱི་གནམ་གཞི་འགྱུར་ནི་མེད།

 

ཁྱོད་ལུ་དགའ་བའི་སེམས་ཀྱི་ཁྲི་གདུགས་ནུབ་ནི་མེད།

ཁྱོད་ལུ་དགའ་བའི་སེམས་ཀྱི་ཆུ་མོ་སྐམས་ནི་མེད།

 

ཤ་ཁྲག་ཕུང་པོ་མ་སྐམས་རིང་གུ་ལུ།

ཆུ་དང་ཉ་མོ་འབྲེལ་ནི་མེདཔ་བཟུམ་སྦེ།

དགའ་བའི་དམ་ཚིག་སེམས་ལས་མ་བརྗེད་པར།

སྨན་ལྗོངས་འབྲུག་ཡུལ་མི་སེར་གེ་ར་ལུ།

ཕོ་མོའི་དགའ་ཐངས་དཔེ་སྟོན་འབད་དགེ་མས།

 

ང་གིས་ཁྱོད་ལུ་དགའཝ་ཨིནམ་ཁྱོད་ཀྱིས་ཤེས།

ཁྱོད་ཀྱིས་ང་ལུ་དགའཝ་ཨིནམ་ང་གིས་ཤེས།

དགའ་བའི་སེམས་གཉིས་མཐུན་པ་རྒྱ་ལམ་ཨིན།

ད་རེས་མཐུན་པ་དགའ་བ་ཚད་མེདཔ་བྱུང་།

འགྱུར་ནི་མེད་པའི་ཁེས་བླངས་འབད་དགེ་མས།

Advertisements